ལོ་གཉིས་ཙམ་གོང་ཝི་ཨོ་ཨེ་བོད་སྐད་ཀྱི་ཀུན་གླེང་ལས་རིམ་ཐོག་བོད་པའི་སྤྱི་ཚོགས་ནང་དྲ་རྒྱ་དང་ཟིན་བྲིས་སོགས་ཁྱབ་སྤེལ་གྱི་གནས་སྟངས་སྐོར་གླེང་མོལ་བྱེད་རྒྱུ་བྱུང་། དེའི་བརྙན་འཕྲིན་དེ་གཤམ་དུ་གཟིགས་ཐུབ། དེ་སྐབས་གཟིགས་མོ་བ་ཞིག་ནས་ཊུཝི་ཊར་རམ་འཕྲུལ་སྒྲའི་སྐོར་བཀའ་དྲི་གནང་བྱུང་། དེ་སྐབས་བོད་མིའི་ཁོངས་འཕྲུལ་སྒྲ་བེད་སྤྱོད་གནང་མཁན་ཉུང་ངུ་རེད། ལོ་འགའ་ཞིག་ནང་ཁྱེད་པར་དེ་འདྲ་བྱུང་ཡོད།